དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་
སྨན་བཅོས་སྒྲིག་ཆས་དང་ནད་པའི་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས11ཉིན།    

    ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་མཱ་ཧྲུན་ཆིན་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་སོང་ནས་སྨན་ཁང་དེའི་འཕེལ་རྒྱས་ཀྱི་འཛུགས་སྐྲུན་དང་སྨན་བཅོས་བཅོས་སྒྱུར་དང་མི་ཆོས་རོགས་སྐྱོར་སོགས་ཀྱི་བྱ་བའི་འཕེལ་རིམ་ལ་རྟོག་ཞིབ་བྱས།

    མཱ་ཧྲུན་ཆིན་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ནད་པའི་ཞག་སྡོད་བྱེད་སར་སོང་ནས་ནད་པར་བལྟས་པར་མ་ཟད།  སྨན་ཁང་དེའི་སྨན་བཅོས་སྒྲིག་ཆས་དང་ལག་རྩལ་ཆུ་ཚད། ཞབས་ཞུའི་རྒྱུ་སྤུས་སོགས་ཀྱི་ཐད་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས།   མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པས་ནང་འདྲེན་བྱས་པའི་སུའེ་ཙེར་རྒྱལ་ཁབ་ཀྱི་མི་ཆོས་སྙིང་རྗེ་རྩ་འཛུགས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་རྒྱུ་རླུག་བྱིས་པ་དྲག་སྐྱེད་འབྱུང་བར་རོགས་སྐྱོར་བྱེད་པའི་ལས་གཞི་ལ་ཁས་ལེན་གང་ལེགས་བྱས།  

   མཱ་ཧྲུན་ཆིན་གྱིས་ནན་གྱིས་བསྟན་དོན།  རྗེས་ཕྱོགས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས།  བཅོས་བསྒྱུར་བཅས་ཀྱི་ཁྲོད་དུ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་མུ་མཐུད་དུ་རང་སྟེང་གི་ཁྱད་སྟོབས་བཟང་པོ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་སྨན་ཁང་གི་འགྲན་རྩོད་གཙོ་བོའི་ནུས་ཤུགས་ཇེ་ཆེར་བཏང་སྟེ།  འབད་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་སྨན་བཅོས་བཅོས་བསྒྱུར་གྱི་ཁྲོད་དུ་ཞུགས་ནས་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྨན་བཅོས་ཀྱི་ཞབས་ཞུ་བཟང་པོ་འདོན་སྤྲོད་བྱེད་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་ནད་པའི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དེ་བདེ་ཐང་དང་བློ་གཏད་ཆོག་པའི་སྨན་ཁང་ཞིག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཡིད་ཚིམ་པའི་སྨན་ཁང་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན།  འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། གཡང་འབུམ་རྒྱལ།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་[07-15]
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་[07-14]
སྟག་འབུམ་ཐར་གྱིས་ཆུ་གློག་ཁེ་ལས་ཀྱིས་ཆེ་ཕྱོགས་ལ་དམིགས་ནས།ན་གོར་མོ་ཆུ་བོའི་[07-10]
སྟག་འབུམ་ཐར་གྱིས་ན་གོར་མོ་ཡིས་མྱུར་དུ་ཆུ་ལོག་གི་ཉེན་ཁ་སེལ་ནས་མང་ཚོགས་ཀྱི་[07-09]
ཀྲང་ཀོང་རོང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་གནོད་ཐེབས་ས་ཁུལ་གྱི་མང་[07-08]
རིན་ཆེན་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྲིད་གཙང་འཛུགས་[07-03]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)