ཉེ་ལམ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཏང་ཨུའི་ཧྲུའུ་ཅི། ཐིན་ཀྲང་ཧོ་ཐིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྤྱི་བདེ་ཐིན་གྱི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་སུ་ལག་བསྟར་དངོས་འབེབས་བྱེད་བཞིན་པའི«ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་སྲིད་བརྩོན་གྱི་ཚད་གཞི་འགའ»ཞེས་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་བྱ་བ་ལག་བསྟར་དངོས་འབེབས་བྱེད་པའི་འཕེལ་རིམ་ལ་བཀོད་སྒྲིག་བྱས།
ཧོ་ཐིང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གིས་གསར་དུ་བཀྲམས་པའི«སྲིད་གཙང་ཚད་གཞི»དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་གཏིང་ཟབ་པའི་སྒོ་ནས་དེ་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད་གཤམ་གྱི་ཕྱོགས་བཞི་ནས་བླངས་བྱ་ནན་མོ་བཏོན། གཅིག་ནས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་གཏིང་ཟབ་པའི་སྒོ་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་འདུ་ཤེས་མཐོར་འདེགས་སུ་གཏོང་དགོས། གཉིས་ནས་རང་དཔེ་གཞན་སྟོན་བྱས་ཏེ་སྲིད་གཙང་ཚད་གཞིའི་གཏན་འཁེལ་སྣ་ཚོགས་ལག་བསྟར་དངོས་འབེབས་བྱེད་པར་སྣེ་ཁྲིད་བྱེད་དགོས། གསུམ་ནས་དྲང་གཞག་སྒོས་དབང་ཆ་བཀོལ་སྤྱོད་བྱེད་དགོས། བཞི་ནས་རང་གི་ཀུན་སྤྱོད་ལ་རེ་བ་ནན་མོ་བཟུང་ནས་ཏང་གི་ལས་བྱེད་པའི་ལམ་ཕྱོགས་དང་མི་བཀོལ་སྤྱོད་བྱེད་པའི་ཚད་གཞི་སོགས་རྒྱུན་འཁྱོངས་བྱེད་དགོས་ཟེར།
ལོ་ཙཱ་བ། གཡང་འབུམ་རྒྱལ།
|