དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
སྟག་འབུམ་ཐར་གྱིས་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་བརྙན་
འཕྲིན་ཁ་པར་གྲོས་ཚོགས་སྟེ་མཚོ་སྔོན་ཡན་ལག་ཚོགས་རའི་སྟེང་གཏམ་བཤད་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ3པའི་ཚེས3ཉིན།    

    ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེ་མཚོ་སྔོན་ཡན་ལག་ཚོགས་ར་ནས་ནན་གྱིས་བསྟན་དོན། ས་གནས་དང་།  འབྲེལ་ཡོད་སྡེ་ཁག་སོ་སོས་དེང་སྐབས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་ཛ་དྲག་ཆེ་བའི་གནས་བབ་གསལ་བོར་བྱས་ནས།  ཏང་དང་མི་དམངས་ལ་ཚད་མཐོན་པོའི་འགན་ཁུར་གྱི་རྣམ་འགྱུར་འཛིན་པ་དང་།   ལྷོད་གཡེང་གི་བསམ་བློ་ཁྱད་དུ་བསལ་ཏེ།  བསམ་བློའི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་།   མགོ་ཁྲིད་ཀྱི་འགན་ཁུར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ།   བྱ་བའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། བཀོད་སྒྲིག་ཞིབ་བཤེར་དོན་ཐོག་ཏུ་འཁྱོལ་བར་བྱས་ནས།  སེམས་ཞིབ་མོས་རྩ་འཛུགས་བྱེད་པ་དང་།   བཀོད་སྒྲིག་ཞིབ་རྒྱས་བྱས་ནས།  ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་འགན་ཁུར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར ། 
   སྟག་འབུམ་ཐར་གྱིས་བསྟན་དོན།  ཉེ་བའི་ལོ་འགའི་རིང་ལ།  ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནན་ཏན་གྱིས་ནགས་ཚལ་དང་རྩྭ་སའི་མེ་འགོག་གི་འགན་ཁུར་ལམ་ལུགས་ལག་བསྟར་བྱས་པ་དང་།    རྒྱུན་ཆད་མེད་པར་མེ་འགོག་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས།  ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བ་ནན་ཏན་གྱིས་སྒྲུབ་ཏེ་ཕན་འབྲས་མངོན་གསལ་བླངས་བ་དང་།  བསྟུད་མར་ལོ་ངོ་ཉེར་གསུམ་གྱི་རིང་ལ་ནགས་ཚལ་དང་རྩྭ་སའི་མེ་སྐྱོན་གཅིག་ཀྱང་མ་བྱུང་བར་མ་ཟད།  ནགས་ཚལ་གྱི་ཐོན་ཁུངས་བདེ་འཇགས་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་ནས།  ཚད་ངེས་ཅན་ཞིག་གི་ཐད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་ཇེ་ཉུང་ཏུ་བཏང་།  ཡིན་ནའང་དེང་སྐབས་རང་ཞིང་གི་ནགས་ཚལ་དང་རྩྭ་སའི་མེ་འགོག་གནས་བབ་ད་རུང་ཚབས་ཆེ་བས།   ན་ནིང་དགུན་ཁ་ནས་ད་ལོའི་དཔྱིད་ཀའི་བར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་ཤོས་ཤིག་ལ་ཆར་འབབ་ཚད་ཅུང་ཉུང་བ་དང་།   ནགས་ཚལ་དང་རྩྭ་སའི་མེ་སྐྱོན་འབྱུང་ཉེན་ཆེ་བར་མ་ཟད།   ནགས་ཚལ་དང་རྩྭ་སའི་མེ་འགོག་འདུ་ཤེས་ད་རུང་ཅུང་ཞན་པ་དང་།  བྱ་བ་དམ་འཛིན་བྱས་བ་མི་འདང་ཞིང་།  མེ་འགོག་བྱེད་ཐབས་དང་དྲིལ་སྒྲོག་གི་སློབ་གསོ་དོན་ཐོག་ཏུ་འཁྱོལ་མེད་པ་དང་།   ནགས་ཁུལ་དང་ས་སྟོང་ཁ་ཤས་ཀྱི་མེའི་འབྱུང་ཁུངས་དོ་དམ་བྱས་པ་གཟབ་ནན་མ་རེད་ཟེར།
   སྟག་འབུམ་ཐར་གྱིས་ནན་གྱིས་བསྟན་དོན།  ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནུས་ཡོད་བྱེད་ཐབས་སྤྱོད་པ་དང་།   བྱ་བའི་འགན་ཁུར་དང་དོགས་ཟོན་གྱི་བྱེད་ཐབས་དངོས་འབེབས་བྱས་ནས།  ཕྱོགས་ཡོངས་ནས་མྱུར་དུ་ཐག་གཅོད་པའི་ནུས་བ་ཇེ་མཐོར་བཏང་ནས། ཚད་ངེས་ཅན་ཞིག་ནས་མེ་སྐྱོན་གྱི་གྱོང་གུད་ཇེ་ཉུང་ཏུ་གཏོང་དགོས་པ་དང་།  སྟོབས་ཤུགས་ཡོད་དགུས་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ལོ་ཙཱ་བ།  བདེ་སྐྱིད་འཚོ།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་[07-15]
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་[07-14]
སྟག་འབུམ་ཐར་གྱིས་ཆུ་གློག་ཁེ་ལས་ཀྱིས་ཆེ་ཕྱོགས་ལ་དམིགས་ནས།ན་གོར་མོ་ཆུ་བོའི་[07-10]
སྟག་འབུམ་ཐར་གྱིས་ན་གོར་མོ་ཡིས་མྱུར་དུ་ཆུ་ལོག་གི་ཉེན་ཁ་སེལ་ནས་མང་ཚོགས་ཀྱི་[07-09]
ཀྲང་ཀོང་རོང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་གནོད་ཐེབས་ས་ཁུལ་གྱི་མང་[07-08]
རིན་ཆེན་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྲིད་གཙང་འཛུགས་[07-03]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)