དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
བང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ལྟེ་གནས་ཚན་ཁག་གི་
སློབ་སྦྱོང་ཚོགས་འདུའི་སྟེང་གཏམ་གལ་ཆེན་བཤད་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས21ཉིན།    

   ཚེས་ཉི་ཤུ་ཉིན་ནི་ལུགས་རྙིང་ལོ་སར་སྐབས་ཀྱི་ངལ་གསོའི་རྗེས་ཀྱི་བྱ་བ་སྒྲུབ་པའི་ཉིན་དང་པོ་ཡིན་པ་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་བང་ཅན་ཅོན་གྱིས་གྲོང་ཁྱེར་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུའི་སྟེང་ནས་ནན་གྱིས་བསྟན་དོན།  ཉིན་བདུན་རིང་ལ་ངལ་གསོས་རྗེས་ཚང་མས་ཡང་བསྐྱར་བྱ་བའི་སྟེང་ལ་སེམས་འཁོར་ཏེ་རྣམ་འགྱུར་བཟང་བའི་སྒོ་ནས་རང་སོ་སོའི་བྱ་བའི་ལས་གནས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་མ་འོངས་བ་གསར་གཏོད་བྱེད་དགོས་ཟེར།
    ཉིན་དེའི་གྲོས་ཚོགས་ནས་བློ་མཐུན་ཧུའུ་ཅིན་ཐོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་དངོས་འབེབས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་བསྒྱུར་བའི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་དང་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་སློབ་སྦྱོང་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་ལ་སློབ་སྦྱོང་བྱས་པར་མ་ཟད།   ལུགས་རྙིང་ལོ་སར་གྱི་ངལ་གསོའི་སྐབས་ཀྱི་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་རིག་གནས་བྱ་འགུལ་སྤེལ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པར་ཉན།
    བང་ཅན་ཅོན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྐབས །  ལུགས་རྙིང་ལོ་སར་སྐབས་ཀྱི་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་རིག་གནས་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས།  ཁོས་བཤད་དོན།   ད་ལྟ་ལུགས་རྙིང་ལོ་སར་གྱི་ངལ་གསོའི་ཉིན་མོ་མཇུག་སྒྲིལ་ནའང་།   མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་རེ་བ་ནན་མོ་བཅངས་ཡོད་པས།   གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དང་།  དྲག་ཆས།   མེ་གསོད་སྔོན་འགོག་ཉེན་རྟོག་པ་རྣམས་ཀྱིས་མུ་མཐུད་དུ་དོགས་ཟོན་མཐོར་འདེགས་བྱས་ནས། ནམ་ཡིན་ཡང་གློ་བུར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱས་ནས།   མུ་མཐུད་དུ་གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འཆམ་མཐུན་དང་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་སྐྲུན་དགོས་པའི་རེ་བ་བཏོན།  ལུགས་རྙིང་ལོ་སར་རྗེས་ཀྱི་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་བར་བང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན།   ད་རུང་མུ་མཐུད་དུ་བདེ་འཇགས་དང་།  གོ་རིམ་ཡོད་པ།   སྤྲོད་སྐྱིད་བཅས་ཀྱི་སྤྱིའི་རྩ་དོན་ལྟར །  ཚེས་བཅུ་གཉིས་ཉིན་གྱི་རྒྱ་འཆམ་དང་།  རྒྱ་ལོའི་སྨོན་ལམ་སྐབས་ཀྱི་བྱ་འགུལ་སོགས་ལ་བཀོད་སྒྲིག་བཟང་བོ་དང་རྩ་འཛུགས་ཞིབ་མོ་བྱས་ནས།  བདེ་འཇགས་ཐད་ནས་ནོར་འཁྲུལ་གཏན་ནས་མེད་པར་བྱེད་དགོས་ཟེར །

ལོ་ཙཱ་བ།  བདེ་སྐྱིད་འཚོ།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་[07-15]
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་[07-14]
སྟག་འབུམ་ཐར་གྱིས་ཆུ་གློག་ཁེ་ལས་ཀྱིས་ཆེ་ཕྱོགས་ལ་དམིགས་ནས།ན་གོར་མོ་ཆུ་བོའི་[07-10]
སྟག་འབུམ་ཐར་གྱིས་ན་གོར་མོ་ཡིས་མྱུར་དུ་ཆུ་ལོག་གི་ཉེན་ཁ་སེལ་ནས་མང་ཚོགས་ཀྱི་[07-09]
ཀྲང་ཀོང་རོང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་གནོད་ཐེབས་ས་ཁུལ་གྱི་མང་[07-08]
རིན་ཆེན་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྲིད་གཙང་འཛུགས་[07-03]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)