དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ལའོ་ཡུས་ལིན་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཉིས་སྟོང་བཅུ་ལོའི་
བྱ་བའི་གྲོས་ཚོགས་སྟེང་ཡིད་ཆེས་བརྟན་པོ་བཅངས་པ་དང་གོ་སྐབས་དམ་འཛིན་བྱས་ནས།འཕེལ་
རྒྱས་བཞི་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་འཇོག་དགོས་ཞེས་ནན་བཤད་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2010ལོའི་ཟླ2པའི་ཚེས16ཉིན།    

    ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་གྱིས་ཚེས་བརྒྱད་ཉིན་ཚོགས་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཉིས་སྟོང་བཅུ་ལོའི་བྱ་བའི་གྲོས་ཚོགས་དང་སྐབས་གཉིས་པའི་ལས་བཟོ་བའི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་བཤད་རྒྱུར།  ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱས་ཏེ།   ཆུ་གློག་གཙོ་གཉེར་བྱེད་སྒོ་བཟང་བོར་བསྒྲུབ་པ་དང་ཐོན་ལས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།  མཆོང་སྐྱོད་ཀྱི་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་བསྣན་པ་དང་སྐྱོན་བྲལ་བའི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ལ།   འཆམ་མཐུན་གྱི་འཕེལ་རྒྱས་ཐད་ལ་སྟོབས་ཤུགས་གང་ཡོད་འདོན་པ་དང་།   གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

   ཚོགས་ཐོག་ནས་ལའོ་ཡུས་ལིན་གྱིས་བཤད་རྒྱུར།   ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ལག་བསྟར་བྱེད་པའི་མཇུག་མཐའི་ལོ་ཡིན་པས།   ད་ལོའི་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་ཀུང་ཟི་རང་སྟེང་གི་འཛུགས་སྐྲུན་ལ་འབྲེལ་བ་ཡོད་པར་མ་ཟད།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལའང་འབྲེལ་བ་ཆེན་པོ་ཡོད།  རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟིས་སྔར་ལས་གསར་གཏོད་གསར་སྐྲུན་བྱེད་པ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས།  གཅིག  བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་ཁག་ཐེག་བྱེད་དགོས།   གཉིས།   མུ་མཐུད་དུ་ལས་གཞི་ལག་བསྟར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས་ཀུང་ཟིའི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣོན་དགོས།  གསུམ།  ཀུང་ཟིའི་དོ་དམ་གསར་སྐྲུན་བྱ་བ་བཟང་བོར་སྒྲུབ་ནས་ཀུང་ཟིའི་འཕེལ་རྒྱས་ཐད་ལ་རྨང་གཞི་བརྟན་པོ་འདིང་དགོས།  བཞི། བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་སྒྲུབ་ནས་ཀུང་ཟིའི་འཕེལ་རྒྱས་ཀྱི་རྣམ་པ་སྲུང་འཛིན་བྱེད་པར་མ་ཟད།  འབྱོར་ཕྱུག་དང་དཔལ་ཡོན།  འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ལོ་ཙཱ་བ།   བཀྲ་ཤིས་འབུམ།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་[07-15]
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་[07-14]
སྟག་འབུམ་ཐར་གྱིས་ཆུ་གློག་ཁེ་ལས་ཀྱིས་ཆེ་ཕྱོགས་ལ་དམིགས་ནས།ན་གོར་མོ་ཆུ་བོའི་[07-10]
སྟག་འབུམ་ཐར་གྱིས་ན་གོར་མོ་ཡིས་མྱུར་དུ་ཆུ་ལོག་གི་ཉེན་ཁ་སེལ་ནས་མང་ཚོགས་ཀྱི་[07-09]
ཀྲང་ཀོང་རོང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་གནོད་ཐེབས་ས་ཁུལ་གྱི་མང་[07-08]
རིན་ཆེན་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྲིད་གཙང་འཛུགས་[07-03]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)