ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་གྱིས་ཚེས་གཅིག་ཉིན་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་འཕྲིན་གཏོང་ལས་རིགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བཤད་དོན། ད་ལོ་ནི་མཚོ་སྔོན་གྱི“མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་། སྐྱོན་བྲལ་བའི་འཕེལ་རྒྱས། འཆམ་མཐུན་གྱི་འཕེལ་རྒྱས། གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས”བཅས་ལ་ཡར་སྐུལ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་འཕྲིན་གཏོང་དང་། སྦྲག་སྲིད་ལས་རིགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། སྦྲག་སྲིད་ཞབས་ཕྱིའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། ལས་རིགས་ལྟ་ཞིབ་དོ་དམ་བྱ་བར་ཤུགས་བསྣན་ནས། ཆ་འཕྲིན་ཅན་དང་བཟོ་ལས་ཅན་དུ་འགྱུར་བར་ཡར་སྐུལ་བྱེད་དགོས་ཟེར།
ལའོ་ཡུས་ལིན་གྱིས་ནན་གྱིས་བསྟན་དོན། འཕྲིན་གཏོང་དང་། སྦྲག་སྲིད་ལས་རིགས་ལ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ནུས་བ་གལ་ཆེན་ལྡན། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བའི་གནད་སར་དམིགས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཆེ་ཕྱོགས་ལ་ཞབས་ཕྱི་སྒྲུབ་པ་གཙོ་བྱས་ནས། བསམ་བློ་བཅིངས་འགྲོལ་བྱེད་པ་དང་། གོ་སྐབས་དམ་འཛིན་བྱས་ནས། རྒྱུན་ཆད་མེད་པར་ལས་རིགས་ཀྱི་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་བཏང་ནས། ཞིང་སྡེའི་སྦྲག་སྲིད་དངོས་རྫས་བརྗེ་རེས་བྱེད་པའི་མ་ལག་ཆགས་སུ་འཇུག་པ་དང་། “ཞིང་ལས་དང་། ཞིང་སྡེ། ཞིང་བ”བཅས་ལ་དུས་ཐོག་དང་། བདེ་འཇགས་ཡིན་པ། རིན་གོང་བདེ་བ་བཅས་ཀྱི་དངོས་རྫས་བརྗེ་རེས་ཞབས་ཕྱི་བསྒྲུབ་དགོས་ཟེར།
ལོ་ཙཱ་བ། བདེ་སྐྱིད་འཚོ། |