ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་རྒྱལ་ཡོངས་སྤྱི་ཚོགས་བདེ་འཇགས་ས་ཁུལ་གལ་ཆེན་ལ་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་ཡན་ལག་ཚོགས་རའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཚོགས་བདེ་འཇགས་ས་ཁུལ་གལ་ཆེན་ལ་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཧོ་ཐིང་གིས་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཞོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཀྲུང་པོ་སོགས་གྲོས་ཚོགས་སུ་ཞུགས།
ཧོ་ཐིང་གིས་ནན་གྱིས་བསྟན་དོན། མཁར་གྲོང་གི་འབྲེལ་མཐུད་ས་ཁུལ་དང་། མཁར་གྲོང་ནང་གི་སྡེ་བ། བདེ་འཇགས་རྙོག་འཛིང་ཡིན་པའི་སྡེ་བ་དང་སྡོད་ཁུལ། སྲང་ལམ་དང་དེ་མིན་གྱོད་གཞི་འབྱུང་ས་མང་བོ་གནད་སར་འཇོག་པ་དང་། སྤྱི་ཚོགས་བདེ་འཇགས་ས་ཁུལ་གལ་ཆེན་ལ་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བ་དེ་བདེ་འཇགས་ཀྱི་མཚོ་སྔོན་འཛུགས་བསྐྲུན་བྱེད་པ་དང་། སྤྱི་ཚོགས་དོ་དམ་གསར་སྐྲུན་ཡར་སྐུལ་གཏོང་བའི་ནང་དོན་གལ་ཆེན་དང་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་བ་དང་། ནན་ཏན་གྱིས་ས་ཁུལ་གལ་ཆེན་གྱི་སྤྱི་ཚོགས་བདེ་འཇགས་ལ་ཞིབ་བཤེར་དང་། དག་ཐེར་བཅོས་སྐྱོང་། དོ་དམ་ཚོད་འཛིན་བྱེད་པའི་བྱ་བ་གལ་ཆེན་གསུམ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་པས་འགན་ཁུར་པ་དང་པོའི་འགན་ཁུར་ལག་བསྟར་བཟང་བོ་བྱས་ནས། མགོ་ཁྲིད་དང་རྩ་འཛུགས་ལ་ཤུགས་སྣོན་པ་དང་། གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱ་བ་བཟང་བོར་བསྒྲུབ་སྟེ། ཧུར་ཐག་གིས་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱ་བའི་ཁྲོད་ཀྱི་སྒྲིག་སྲོལ་རང་བཞིན་དང་། ནང་རྐྱེན་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་དགོས་བ་དང་། ཁོངས་མིའི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱ་བར་ཞུགས་པར་སྐུལ་སློང་བྱས་ནས། སྤྱི་ཚོགས་བདེ་འཇགས་ས་ཁུལ་གལ་ཆེན་ལ་ཞིབ་བཤེར་དག་ཐེར་བཅོས་སྐྱོང་བྱེད་པའི་མི་དམངས་ཀྱི་འཐབ་འཛིང་ཞིག་སློང་དགོས་བའི་རེ་བ་བཏོན།
ལོ་ཙཱ་བ། བདེ་སྐྱིད་འཚོ། |