ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སྐྱིད་བདེ་རྨ་རྒྱལ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་དང་སྐབས་བཅུ་དགུ་བའི་བོད་ལྗོངས་དྲིལ་སྒྲོག་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ། རྒྱལ་ཡོངས་ཀྱི་མཉམ་འབྲེལ་དྲ་བའི་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱས་པར་མ་ཟད། ཉིས་སྟོང་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་འཕེལ་རིམ་དང་གྲུབ་འབྲས་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱས་ནས། དེང་སྐབས་ཀྱི་གནས་བབ་ལ་གཏིང་ཟབ་པའི་དབྱེ་ཞིབ་དང་ཉིས་སྟོང་བཅུ་ལོའི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་སྐྱིད་བདེ་རྨ་རྒྱལ་གྱིས་གཏམ་བཤད་སྐབས་ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཉེ་བའི་ལོ་འགའི་རིང་གི་བྱ་བའི་ལག་ལེན་དང་ཟུང་འབྲེལ་བྱས་ནས་རང་རེའི་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ལ་ནན་ཏན་སྒོས་སྤྱི་སྡོམ་བྱས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་། ཞིང་ཆེན་ནང་ཁུལ་བཅས་ཀྱི་གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་ཁྱད་ཆོས་དང་རྣམ་པར་དབྱེ་ཞིབ་ཟབ་མོ་བྱས་ཏེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བར་བླངས་བྱ་གསལ་བོ་བཏོན།
ལོ་ཙཱ་བ། གཡང་འབུམ་རྒྱལ། |