དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཞོས་ཧྥུ་ཧྲུན་གྱིས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་
བྱེད་པར་ཁག་ཐག་བྱེད་དགོས་པ་ནན་གྱིས་བསྟན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2009ལོའི་ཟླ10པའི་ཚེས10ཉིན།    

     ཟླ་བཅུ་བའི་ཚེས་དགུ་ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲུ་མཛོད་ཞིབ་བཤེར་བྱ་བའི་སྤྱི་སྡོམ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན་གྱིས་མཚོ་སྔོན་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱི་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་འབྲུ་རིགས་བྱ་བ་བཟང་བོར་སྒྲུབ་དགོས་པའི་ཐད་ནས་གཏམ་བཤད་སྤེལ།   ཞོས་ཧྥུ་ཧྲུན་གྱིས་བསྟན་དོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོ།  འབྲུ་རིགས་ཁེ་ལས་སོ་སོས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འགན་སྲུང་ཁག་ཐག་བྱེད་པའི་ཆེ་ཕྱོགས་ནས་མགོ་བརྩམས་ཏེ། མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་སེམས་ཞིབ་མོས་བཀོད་སྒྲིག་བྱེད་པ།  གཞོགས་འདེགས་དམ་པོ་བྱེད་པ་བཅས་བྱས་ནས་འབྲུ་མཛོད་ཞིབ་བཤེར་བྱ་བའི་ཕྱོགས་སོ་སོ་གཙོ་བོར་བཟུང་སྟེ་ཚད་གཞི་ནན་མོ་དང་དོན་དངོས་འགན་སྲུང་བྱས་ནས། ཤུགས་ཆེན་པོས་འབྲུ་མཛོད་ཞིབ་བཤེར་བྱ་བའི་རྒྱུ་སྤུས་ཇེ་མཐོར་བཏང་ནས་དུས་ལྟར་འབྲུ་མཛོད་ཞིབ་བཤེར་བྱེད་པའི་འགན་ཁུར་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར།   
      ཞོས་ཧྥུ་ཧྲུན་གྱིས་ད་དུང་ནན་གྱིས་བསྟན་དོན།  འབྲུ་མཛོད་ཞིབ་བཤེར་བྱེད་པའི་མཇུག་འབྲས་ལ་བལྟས་ན།  མཚོ་སྔོན་གྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏང་ཡོད་མོད། ཡིན་ན་ཡང་ང་ཚོས་གསལ་བོར་མཐོང་བ་ཞིག་ནི་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པ་དང་བདེ་འཇགས་ཁག་ཐག་བྱེད་པའི་འགན་ཁུར་ཧ་ཅང་ལྗིད། དེ་བས་འབྲུ་རིགས་ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་འབྲུ་རིགས་ཀྱི་འཁོར་རྒྱུགས་གོ་རིམ་སྲུང་འཛིན་བཟང་བོ་བྱེད་རྒྱུ་ནི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲུ་རིགས་སྲིད་འཛིན་དོ་དམ་བཅས་ཁོངས་སུ་གཏོགས་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་གཙོ་བོ་ཞིག་ཡིན་ཟེར།

ལོ་ཙཱ་བ།  གཡང་འབུམ་རྒྱལ། 

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་[07-15]
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་[07-14]
སྟག་འབུམ་ཐར་གྱིས་ཆུ་གློག་ཁེ་ལས་ཀྱིས་ཆེ་ཕྱོགས་ལ་དམིགས་ནས།ན་གོར་མོ་ཆུ་བོའི་[07-10]
སྟག་འབུམ་ཐར་གྱིས་ན་གོར་མོ་ཡིས་མྱུར་དུ་ཆུ་ལོག་གི་ཉེན་ཁ་སེལ་ནས་མང་ཚོགས་ཀྱི་[07-09]
ཀྲང་ཀོང་རོང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་གནོད་ཐེབས་ས་ཁུལ་གྱི་མང་[07-08]
རིན་ཆེན་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྲིད་གཙང་འཛུགས་[07-03]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)