དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
ཞོས་ཧྥུ་ཧྲུན་གྱིས་ལས་རིགས་དང་མངའ་ཁོངས་གཙོ་བོའི་འཕྲལ་བསྟུན་དོ་དམ་བྱ་བ་
གཙོ་བོར་བཟུང་ནས་དམ་འཛིན་བྱེད་དགོས་ཞེས་ནན་བཤད་བྱས་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2009ལོའི་ཟླ9པའི་ཚེས17ཉིན།    

     ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཧྲིན་ཀྲང་གཞོན་པ་ཞོས་ཧྥུ་ཧྲུན་གྱིས་ཚེས་བཅུ་དྲུག་ཉིན་འཕྲལ་བསྟུན་དོ་དམ་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱེད་སྐབས།   བཀོད་སྒྲིག་ཞིབ་མོ་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་རིགས་དང་མངའ་ཁོངས་གཙོ་བོའི་འཕྲལ་བསྟུན་དོ་དམ་བྱ་བ་གཙོ་བོར་བཟུང་ནས་དམ་འཛིན་བྱེད་དགོས་པ་ནན་བཤད་བྱས།

   ཞོས་ཧྥུ་ཧྲུན་སོགས་སྔ་གཞུག་ཏུ་མཚོ་སྔོན་གསོག་འཇོག་དངོས་རྫས་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་ཕྱིར་འཚོང་ཡན་ལག་ཀུང་ཟི་སོགས་ལ་སོང་ནས་འཕྲལ་བསྟུན་དོ་དམ་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱས།  ཁོ་ཚོས་ལས་ཁུངས་སོ་སོའི་འཕྲལ་བསྟུན་དོ་དམ་བདེ་འཇགས་བཀོད་སྒྲིག་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད།  ལས་ཁུངས་སོ་སོས་འཕྲལ་བསྟུན་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ་གློ་བུར་དུ་བྱུང་བའི་དོན་རྐྱེན་དང་ནམ་རྒྱུན་དང་མི་འདྲ་བའི་གནས་ཚུལ་བྱུང་ཚེ་མྱུར་དུ་འཕྲལ་བསྟུན་བྱེད་ཐབས་སྤྱོད་པ་དང་འོས་འཚམ་སྒོས་ཐག་གཅོད་བྱས་ནས།   མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། 

    ཞོས་ཧྥུ་ཧྲུན་གྱིས་བཤད་རྒྱུར།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།  ལས་ཁུངས་སོ་སོ་བཅས་ཀྱིས་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་།  སྔོན་འགོག་བྱ་བ་གཙོ་བོར་འཛིན་དགོས་ལ།   མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ་གཞི་རྩ་བྱས་ཏེ།   དུས་ཐོག་ཏུ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པར་མ་ཟད་སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱས་ནས།   ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ལོ་ཙཱ་བ།   བཀྲ་ཤིས་འབུམ།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་[03-11]
ཧོ་ཐིང་གིས་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཏང་ཨུའི་རྒྱ་བསྐྱེད་གྲོས་ཚོགས་སྟེང་[03-07]
སྐྱིད་བདེ་རྨ་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བའི་[03-04]
སྟག་འབུམ་ཐར་གྱིས་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་བརྙན་[03-03]
བང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ལྟེ་གནས་ཚན་ཁག་གི་[02-21]
ཞོས་ཧྥུ་ཧྲུན་གྱིས་ཞིང་ཆེན་ཡོངས་ཀྱི་ཁང་སའི་ཚོང་རའི་[02-16]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)