དབུ་ངོས། འགོ་ཁྲིད་དྲ་ངོས། སྤྱི་བཤད་ཆ་འཕྲིན། རྩ་འཛུགས་ལས་ཁུངས། སྲིད་དོན་གནས་ཚུལ། བརྙན་འཕྲིན་གསར་འགྱུར།
བཅའ་ཁྲིམས་ཁྲིམས་སྲོལ། ཏང་སྲིད་ཡིག་ཆ། གཞུང་ཡིག་རྩོམ་ཚུལ། མཚོ་སྔོན་སྲིད་དོན། ཚན་སྤེལ་ཤེས་བྱ།
 
 
སྟག་འབུམ་ཐར་གྱིས་མགོ་ལོག་བོད་རིགས་སྐྱོང་ཁུལ་དུ་རྟོག་དཔྱོད་ཞིབ་འཇུག་བྱེད་སྐབས་ནུས་
ཤུགས་ཡོད་དགུས་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པ་མང་ཚོགས་ཀྱི་གཏན་
སྡོད་བཟོ་སྐྲུན་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་དགོས་ཞེས་ནན་གྱིས་བསྟན་པ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བོད་ཡིག་དྲ་བ།།:http://zw.qh.gov.cn    ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།    སྤེལ་དུས།:2009ལོའི་ཟླ9པའི་ཚེས8ཉིན།    

    མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་སོགས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ནས་ཟླ་དགུ་བའི་ཚེས་གསུམ་ཉིན་བར་སྔ་གཞུག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་ར་རྒྱ་གྲོང་བརྡལ་དང་རྟ་བོ་གྲོང་བརྡལ།  གངས་རི་ཞང་།  དགའ་བདེ་རྫོང་གི་ཁྱི་འབྲི་ཞང་།  ཁོ་ཆུ་གྲོང་བརྡལ་སོགས་ལ་སོང་སྟེ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བཟོ་སྐྲུན་དང་།  གནས་སྤོར་སྡོད་དམངས་ཀྱི་གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བར་རྟོག་དཔྱོད་ཞིབ་འཇུག་བྱས།

    སྟག་འབུམ་ཐར་གྱིས་མགོ་ལོག་ཁུལ་གྱིས་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཞང་དང་གྲོང་བརྡལ་ལ་འགན་ལེན་དང་།  ཞང་དང་གྲོང་བརྡལ་གྱི་མགོ་ཁྲིད་པས་འབྲོག་དམངས་ཨུ་ཡོན་ལྷན་ཁང་ལ་འགན་ལེན་བྱེད་པ།  ཞང་དང་གྲོང་བརྡལ་གྱི་ལས་བྱེད་པས་འབྲོག་པ་ཁྱིམ་ཚང་ལ་འགན་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་དེ་ས་ཁུལ་སོ་སོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཅེས་བསྟན་པར་མ་ཟད།  ཁོས་ད་རུང་བཟོ་སྐྲུན་གྱི་སྤུས་ཚད་ལྟེ་བར་བཟུང་ནས་ནུས་ཤུགས་ཡོད་དགུས་གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་ད་ལོའི་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་སྟེ།  གཅིག་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བཟོ་སྐྲུན་གྱི་སྤུས་ཚད་བཟང་བོར་འཛིན་དགོས་པ་དང་།   གཉིས་ནས་བཟོ་སྐྲུན་གྱི་རྒྱུ་ཆ་གཅིག་གྱུར་གྱིས་མངགས་ཉོ་བྱེད་པའི་གོ་རིམ་ཁྲོད་དུ་འཛུགས་སྐྲུན་གྱི་མ་རྩ་ཇེ་དམའ་རུ་གཏོང་བའི་ཐབས་བཀོད་འཐེན་ནས་འབྲོག་པ་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས།  གསུམ་ནས་ནུས་ཡོད་ཀྱིས་མཁར་གྲོང་གི་ཕྱོགས་སུ་གཅིག་བསྡུ་བྱེད་དགོས།   བཞི་ནས་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བྱེད་ས་འཛུགས་སྐྲུན་དང་སྐྱེ་ཁམས་ཀྱི་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་ཟུང་འབྲེལ་བྱེད་དགོས།  ལྔ་ནས་ཉམས་མྱོང་དེ་དུས་ཐོག་ཏུ་སྤྱི་སྡོམ་དང་ཁྱབ་སྤེལ་གང་ལེགས་བྱས་ནས།  ས་དེའི་དོན་དངོས་དང་མཐུན་པའི་སྒོ་ནས་རྩྭ་ཆུར་སྙེག་སྟེ་ཕྱུགས་འཚོ་བའི་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་དང་ལམ་ལུགས་དེ་གཞི་གཅིག་ཅན་དུ་འགྱུར་བར་ཞིབ་འཇུག་བྱས་ནས།  སང་ལོའི་བཟོ་སྐྲུན་འཛུགས་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་རྨང་གཞི་བཟང་བོ་ཞིག་འདིང་དགོས་ཞེས་ནན་གྱིས་བསྟན།

ལོ་ཙཱ་བ། ཤ་བོ་སྐྱབས།

  འབྲེལ་ཡོད་དྲ་སྦྲེལ།
ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་[03-11]
ཧོ་ཐིང་གིས་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཏང་ཨུའི་རྒྱ་བསྐྱེད་གྲོས་ཚོགས་སྟེང་[03-07]
སྐྱིད་བདེ་རྨ་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བའི་[03-04]
སྟག་འབུམ་ཐར་གྱིས་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་བརྙན་[03-03]
བང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ལྟེ་གནས་ཚན་ཁག་གི་[02-21]
ཞོས་ཧྥུ་ཧྲུན་གྱིས་ཞིང་ཆེན་ཡོངས་ཀྱི་ཁང་སའི་ཚོང་རའི་[02-16]
Copyright @2007 www.qh.gov.cn
གཙོ་སྒྲུབ་བྱེད་མཁན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
མཚོICPཐོ་ཨང05000082པ། (青ICP备05000082号)