ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའི་པུའུ་ཀྲང་ཆིའུ་ཆིན་ཧྲན་གྱིས་ཟླ་བརྒྱད་པའི་ཚེས་ཉེར་བཞིའི་ཉིན། མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་གཏིང་ཟབ་སྒོས་སྤེལ་དགོས་པའི་ཐད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་མཚོ་སྔོན་ཡན་ལག་ཚོགས་ར་ནས། ནན་ཏན་གྱིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་བློ་མཐུན་ལིན་ཡུན་ཧྲན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས། དེང་སྐབས་རྒྱལ་ཡོངས་སུ་སྤེལ་བཞིན་པའི་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ངེས་ཤེས་ཆེན་པོ་བཅངས་ནས། རང་ཞིང་གི་དོན་དངོས་དང་སྦྲེལ་ཏེ་གསར་གཏོད་རང་བཞིན་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་དགོས་པ་ནན་གྱིས་བསྟན་པར་མ་ཟད། ཁོས་ད་རུང་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་ནི་ཀྲུང་དབྱང་གིས་དེང་སྐབས་ཀྱི་གནས་བབས་དང་ལས་འགན་གསར་བར་ཁ་གཏད་མཇལ་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་གི་ནང་དོན་གཙོ་བོ་དང་སྤྱི་ཡོངས་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་སྡེ་ཁག་དང་སློབ་གསོའི་སྡེ་ཁག མི་རིགས་ཆོས་ལུགས་སྡེ་ཁག་བཅས་ཀྱིས་རང་སྟེང་གི་འགན་ནུས་ལ་བརྟེན་ནས་ཐེངས་འདིའི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་མཛད་ནས་དོན་དངོས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ཞིག་དུ་འཇོག་དགོས་པ་དང་། འགན་ཁུར་བསམ་པ་དང་འདུ་ཤེས་བསམ་པ་མཐོ་རུ་བཏེགས་ནས་མཐུན་སྦྱོར་གཙིགས་འཛིན་དང་ནུས་ཤུགས་མཉམ་འདོན་གྱི་སྣང་ཚུལ་ཆགས་པར་བྱས་ཏེ། བྱ་བ་དེ་ཞིབ་ཚགས་དང་དོན་དངོས་ཀྱིས་སྒྲུབ་ནས་ཐེངས་འདིའི་སློབ་གསོ་བྱ་འགུལ་བཟང་བོར་སྒྲུབ་པ་དང་གྲུབ་འབྲས་ཡོད་པར་བྱེད་དགོས་ལ། རིམ་པ་སོ་སོའི་སྡེ་ཁག་གིས་དཀྱིལ་སྙིང་འབུར་དུ་ཐོན་པ་དང་ཕྱོགས་ཡོངས་ལ་ཡར་སྐུལ་བྱས་ཏེ་ཐེངས་འདིའི་བྱ་འགུལ་གོ་རིམ་ལྡན་པའི་སྒོ་ནས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་རེ་བ་དང་བཀོད་སྒྲིག་ལ་ཡར་སྐུལ་བཏང་སྟེ་སྔར་ལས་ལྷག་པར་འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། འཆམ་མཐུན་བཅས་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།
ལོ་ཙཱ་བ། ཤ་བོ་སྐྱབས། |